Barn Burning - Haruki Murakami - Dzongkha Translation

 The following is a Dzongkha translation of "Barn Burning" by Haruki Murakami. I did not write the story, it is not an original work. However, the translation was done by me.

This is not the final copy, as there may be revisions and editing needed in the future. We are currently in need of a Dzongkha proofreader as well. If there are mistakes in the text please, bear with us. Your feedback and comments are valuable to us.

Barn Burning originally translated from Japanese and published in 1992.



གཞིས་ཁྱིམ་མེ་གཏང་ནིའི་སྐོར་ལས།

ཧ་རུ་ཀི་ མུ་ར་ཀ་མི།


ཨ་ནཱ་ལུ་ ལོ་གསུམ་གི་ཧེ་མ་ཨིན་ ཊོ་ཀི་ཡོ་ལུ་ ང་ མོ་དང་ཅིག་ཁར་ འཕྱད་ཅིག། དེ་ཡང་ ངའི་ཆ་རོགས་གཅིག་ཀྱི་ གཉན་སྦྱོར་ནཱ་ལུ་ འགྱོཝ་ད་ཨིན། གཉན་སྦྱོར་ནཱ་ལུ་ འཕྱད་དེ་གི་ ང་བཅས་གཉིས་གཅིག་གིས་གཅིག་ ངོ་ཤེས་ཚུགས་ཅིག། ང་བཅས་གཉིས་ཀྱིས་ བར་ན་ ལོ་བཅུ་གཉིས་དེམ་ཅིག་གིས་ ཁྱད་པར་འདུག། ང་སྐྱེས་ལོ་ སུམ་ཅུ་སོ་གསུམ་ལངམ་ད་ མོ་ཁལ་གཅིག་ལངམ་སྡོད་ཅིག། དེ་གིས་ཁྱད་པར་སྦོམ་ ག་ནི་ཡང་མ་བཟོ་ ཟེར་བཞུ་དགེ། དེ་བསྒང་ ངེའི་སེམས་ཁར་མནོ་བསམ་གཞན་ལེ་ཤ་ཅིག་ར་སྡོད་ནི་དི་ཀྱིས་ ལོ་བཟུམ་བློ་ཆུང་ཀུ་ཚུ་གིས་སྐོར་ལས་ མནོ་བསམ་བཏང་ནིའི་ དུས་ཚོད་རང་མ་སྡོད། ད་རུང་དེ་བསྒང་ལུ་ ང་རང་ཡང་གཉེན་བརྐྱབས་རྐྱབཔ་ སྡོད་ཅིག། དེ་འབདཝ་ད་ འདིའི་སྐོར་ལས་ མོ་ལུ་སེམས་ཁྲལ་ ག་ནི་ཡང་མིན་ནུག།

མོ་ ལས་ཚུལ་ཡོངས་གྲགས་ཅན་གཅིག་གི་སློབ་སྟོན་གི་འོག་ལུ་ དཔེ་ཆ་ལྷབ་སྟེ་སྡོད་ཅིག། དེ་དང་གཅིག་ཁར་ སྤེལ་བསྒྲགས་འབད་མི་ཚོང་སྡེ་གཅིག་ནང་ལུ་ཡང་ ལཱ་འབད་དེ་སྡོད་ནུག། དེ་འབདཝ་ད་ མོ་ལུ་ འབྱིན་བྱིནམ་ལཱ་འགན་ཆ་མཉམ་ནང་ལུ་ འགྱོ་ནི་ལུ་ བསུན་ནི་འདི་གིས་ གཡོག་འདི་ལས་ འཐོབ་མིའི་ཏི་རུ་འདི་མངམ་སྦེ་ ག་ཅི་ལུ་ཡང་མ་འབྱུང་མས། གཡོག་འདི་ལས་འཐོབ་མི་ཏི་རུ་གི་ མ་ལངམ་མི་ཚུ་ག་ར་ མོ་རའི་ ཨ་རོགས་དགའ་རོགས་ཚུ་ལས་ འཐོབ་སྡོད་ནུག། ད་རུང་ ང་ དེའི་སྐོར་ལས་ཏེན་ཏེན་ ག་ནི་ཡང་མིི་ཤེས། མོ་གིས་སླབ་མི་བློ་ཚུ་ ཉན་སྡོདཔ་ད་ དེ་སྦེ་ཨིནམ་འོང་ཟེར་ཧ་གོ་ཡི།

    ང་གིས་ ད་ཅི་སླབ་དོ་བཟུམ་ ང་བཅས་གཉིས་གོ་དང་པ་འཕྱདཔ་ད་ མོ་ལས་ཚུལ་གིས་སྦྱང་བ་ལྷབ་སྡོད་ནུག། ཚར་ཅིག་འབདཝ་ད་ ང་བཅས་ཆང་ཁང་གཅིག་ནང་འགྱོ་བའི་ཕྱི་རུ་ མོ་གིས་ང་ལུ་ ཚལ་ཆུང་ པགས་ཀོ་བཤུབ་ནིའི་སྐོར་ལས་སྟོན་ཡི། དེ་གིས་ མིང་ལས་ར་ཧ་གོ་དོ་འོང། མོའི་ལགཔ་གཡོན་ཁར་ཏུ་ ཚལ་ཆུང་སྒངམ་སྡོད་ཅིག། ལགཔ་གཡས་ཁར་ པགས་ཀོ་བཞག་ནིའི་བཟེད་གཅིག་འདུག། ག་དེ་སྦེ་རུང་མནོ་བསམ་འདི་ དེ་སྦེ་བཏང་དགོཔ་སྦེ་ཨིན་མས། ཕར་ངོ་མ་སྦེ་འདི་ ག་ནི་ཡང་མ་སྡོད། མོ་རའི་ལག་པར་ཚལ་ཆུང་བཟུན་མ་ཅིག་འབག་ འགྲོས་ཀྱིས་སྦེ་ པགས་ཀོ་བཤུབ་ཏེ་ བཟའ་དོ་བཟུམ་བཏབ་སྦེ་ སོན་ཚུ་ཡང་བཀོ་ནི་ཅིག་འདུག། ཚལ་ཆུང་བཟའ་ཚརཝ་ད་ སོན་ཚུ་པགས་ཀོ་གིས་ནང་ན་བསྒྲིལ་སྟེ་ བཟེད་འདི་ནང་ན་བཞག་ནི་ཅིག་ཡང་འདུག། དེ་བཟུམ་མའི་གཡོ་འགུལ་འདི་ ལོག་ཅིག་ལོག་ཅིག་འབད་ནི་འདུག། ང་གིས་དེ་སྦེ་འབྲིཝ་ད་ ཁྱད་པར་འཕགས་ཆེ་ཏོག་ཏོ་ག་ནི་ཡང་མིན་འདུག་ཟེར་གོ་ནི་འོང། དེ་འབདཝ་ད་ རང་གི་མིག་ཏོ་གིས་ བལྟ་སྡོད་བ་ཅིན་ རང་ག་ཏེ་ཡོདཔ་ཨིན་ན་ཡང་ དཔྱད་རིག་གཏང་མ་ཚུགསཔ་འགྱོ་འོང། ཧ་ལས་སི་སི་ཅིག་ ཨིན་མས།

    ང་གིས་སླབ་ཅིག། ཁྱོད་མི་ གནམ་མེད་ས་མེད་ ལྕོགས་རིག་ཡོདཔ་མི་ཅིག་ ཨིན་མས་སྨོ།

    ཨ་ནཱི་ཡ་ ཟེར་མོ་གིས་སླབ་ཅིག། འདི་རིག་རྩལ་དང་ ལྕོགས་རིག་ག་ཅི་ལས་ར་བརྟེན་བརྟེནམ་མེན། ཕར་ཚལ་ཆུང་འདུག་ཟེར་རང་གིས་རང་ལུ་ སྟོན་ནི་མེན་བ། ཕར་ཚལ་ཆུང་མིན་འདུག་ཟེར་བའི་མནོ་བསམ་འདི་ སེམས་ཁར་ལས་ར་ བརྫེད་དགོཔ་ཨིན། 

    ང་བཅས་གཉིས་ འཆམ་ཏོག་ཏོ་སྦེ་སྡོད་ནི་མས་ཟེར་ ང་གིས་ ཤེས་ཅིག།

    ང་བཅས་གཉིས་ དེ་བཟུམ་རྟག་བུ་རང་འདི་འགྱོ་ནི་མིད། ཟླཝ་གཅིག་ནང་ཚར་གཅིག་ ཡང་ན་ཚར་གཉིས་ དེམ་ཅིག་འགྱོ་ནི་ཡོད། ང་གི་ མོ་ལུ་ རྒྱུད་འཕྲིན་གཏང་ཏེ་ ག་ཏེ་འགྱོ་གོ་མནོ་ཡི་ ཟེར་འདྲི་ནི་ཡོད། ང་བཅས་ བཞེས་སྒོ་གཅིག་བཟའ་ ཆང་གཅིག་མཐུང་སྦེ་ ཆང་ཁང་ནང་རང་ བློ་སླབ་སྡོདཔ་ཨིན། མོ་གི་ སླབ་མི་འདི་ང་གི་ཉན། དེ་ལས་ ང་གི་ སླབ་མི་བློ་ཚུ་ མོ་ཉན་སྡོད་ནི་ཡོད། ང་བཅས་གཉིས་ཀྱི་ བློ་ཚུ་གི་བར་ན་མཐུན་ལམ་ག་ནི་ཡང་འོང་ནི་མིད། ཨིན་འདི་འབད་རུང་ འདིའི་དཀའ་ངལ་ག་ནི་ཡང་ཐོན་ནི་མིད། ང་བཅས་གཉིས་འདི་ ཆ་རོགས་ཨིན་ ཟེར་རྩིས་རུང་བཏུབ་ནི་ཨིན་མས། བཟའ་ནི་མཐུང་ནི་ ཆང་ཚུ་གི་ ཏི་རུ་འདི་ང་གི་སྦེ་སྤྲོད་ནི་ཡོད། རེ་ཅིག་སྐབས་ མོ་ཏི་རུ་རྫོགས་ཚར་ ལྟོཝ་བཀྱེས་པའི་བསྒང་ལུ་ མོ་གི་ རྒྱུད་འཕྲིན་གཏང་ནི་ཡོད། འདི་བཟུམ་མའི་སྐབས་ལུ་ མོ་གི་ ལྟོ་ག་དེམ་ཅིག་བཟའཝ་ཨིན་ན་ཁྱེད་ལུ་ སླབ་བ་ཅིན་ཁྱེད་གིས་ བདེན་འཛིན་རང་མིད་རེན།

    ང་ མོ་དང་ཅིག་ཁར་སྡོད་པ་ད་ལུ་ ལྷོད་གཏང་གཏངམ་སྦེ་ སྡོད་ནི་ཡོད། ངེའི་སེམས་ཁར་ཡོད་མི་ མནོ་བསམ་ཚུ་ག་ར་ཡོལ་འགྱོ་ནི་དང། ང་ ལཱ་འབད་དགོ་མ་མནོ་མི་ཚུ། མི་ཚུའི་དོན་མེད་པའི་བསམ་འཆར་ འབག་སྟེ་ཡོདཔ་མི་ཚུ་ ག་ར་ཡོལ་འགྱོ་ནི་ཡོད ། མོ་དང་ འཕྱདཔ་ད་ལུ་ ངེའི་ཚོར་སྣང་དེ་སྦེ་འགྱོ་ནི་འདུག། མོ་གི་བློ་ དམིགས་བསལ་དུ་སྦེ་ ལྷག་པར་དུ་སྦེ་ ག་ནི་ཡང་སླབ་ནི་མིད། འཕྲལ་འཕྲལ་རང་ མོ་གི་སླབ་མིའི་ བཅུད་དོན་ག་ནི་ཡང་ཧ་གོ་ནི་མེད་པར་ ང་ མགུ་ཀྱོག་ཀྱོག་འབད་དེ་སྡོད་ནི་ཡོད། དེ་འབདཝ་ད་ མོ་ལུ་ ཉན་སྡོདཔ་ད་ ངེའི་སེམས་ལྷོད་ལྷོད་སྦེ་ འགྱོ་ནི་ཡོད། ཕར་ཐག་རིང་ལུ་ཡོད་མི་ ས་སྨུག་ཚུ་སྤར་ས་ ཐད་ཀར་དུ་བལྟ་དོ་བཟུམ།


ང་བཅས་འཕྱད་ཚར་བའི་ལོ་གཅིག་གི་ ཤུལ་མའི་སེར་ཁ་ལུ་ མོའི་ཨ་པ་ཚེ་ལས་འདས་སོང་ནུག། དེ་ཁར་ ཤུལ་ནོར་ནང་ལུ་ ཏི་རུ་ཨ་ཙི་ཅིག་འཐོབ་ཅིག་ཟེར་ མོ་གི་ ང་ལུ་ སླབ་དེས། ཏི་རུ་འདི་སྤྱོད་དེ་ བྱང་ ཨཕ་རི་ཀ་ འགྱོ་ནིའི་བསམ་འཆར་གཅིག་ཡོད་ཟེར་སླབ་ཅིག་ མོ་གིས། བྱང་ཨཕ་རི་ཀ་ གདམ་ཁ་ག་དེ་སྦེ་ རྐྱབས་ཅིག་ག་ ང་གི་མི་ཤེས། དེ་སྦེ་རུང་ ང་གི་ ངོ་ཤེས་མི་ ཕྱི་འབྲེལ་དོན་གཅོདཔ་ནཱ་ལུ་ ལཱ་འབད་མི་ཨམ་སྲུ་གཅིག་དང་ ངོ་སྤྲོད་འབད་ཡི། ཏེས་ མོ་ཡར་སོང་ཡི་ ཨཱལ་ཇི་རི་ཡ་ལུ། མོ་ལུ་ གནམ་ཐང་ནང་ལུ་ བསྐྱལ་འབྱིན་སྦེ་ ལེགས་ཤོམ་སྦེ་འབྱོན་ ཟེར་ཡང་སླབ་ཅིག། མོ་ ཕད་ཅུང་རྙིངམ་གཅིག་ནང་ན་ གོ་ལ་དག་པ་ཅིག་འབག་སྟེ་འདུག། ཕར་ ཁུར་ཆ་ཞིབ་དཔྱད་འབད་སར་ལུ་ ལྷོདཔ་ད་ ཕར་བལྟ་སྐོར་ན་འགྱོ་འགྱོཝ་བཟུམ་མེན་པ་ ལོག་སྟེ་ཁྱིམ་ན་འགྱོ་དོ་བཟུམ་ཡང་མཐོང་ཡི། 

    ཁྱོད་ ལོག་སྟེ་ཇ་པཱན་འོང་ནི་ཨིན་གོ་ཤིག། ཟེར་ང་གི་ དགོད་བྲ་སྦེ་འདྲི་ཡི།

    ཨིན་ཅི་མིན་ཅི། ཟེར་ལན་སླབ་དེས།


ཟླཝ་གསུམ་གི་ རྒྱབ་ལས་ལོག་ལྷོད་ཅིག་ མོ་ བུ་རོགས་གསརཔ་གཅིག་ཁར། མོའི་གཟུགས་ལུ་བལྟཝ་ད་ པ་འུནཌ་དུན་དེམ་ཅིག་རང་ ཉམས་ཤོར་སོང་ནུག། དེ་ལས་ཤ་ཡང་ཉིམ་གིས་ ཨ་ཙི་རེ་འཚིག་ནུག།  ཁོང་གཉིས་ཕར་ ཨཱལ་ཇི་ཡས་གི་ ཟ་ཁང་གཅིག་ནང་འཕྱོད་འཕྱོདཔ་ཨིན་མས། ཕར་ལུ་ ཇ་པཱན་གྱི་ མི་ཁུངས་མངམ་མེདཔ་ལས་བརྟེན་ ཁོང་གཉིས་འཆམ་ཏོག་ཏོ་སྦེ་ཡར་སོང་ནུག། མོ་གི་ཨ་རོགས་དགའ་རོགས་ཚུ་ ང་གི་ཤེསཔ་མི་ནང་ལས་ སྒྲིང་སྒྲིང་སྦེ་སྡོདཔ་མི་འགོ་དང་པ་ར་ཁོ་ཨིན། 

    ཁོ་ལོ་ན་འབད་བ་ཅིན་ སུམ་ཅུ་ཨ་ཙི་མ་ལངམ་ཅིག་ སླབ་ཐངས་ལྡན་པའི་ ཕོ་སྐྱེས་གཟུགས་རིངམོ་གཅིག་ཨིན་མས། གདོང་ཡང་རྣམ་གྱུར་མ་གསལ་མི་ ཡིད་ཁར་འོང་བཏུབ་མི་ཅིག། བལྟཝ་ད་ དགའ་མཉམ་ཡོདཔ་མི་ མི་བཟུམ་ཅིག་འདུག། ཁོའི་ལགཔ་སྦོམ་སྦེ་ མཛུབ་མོ་རིངམོ་སྦེ་སྡོད་ཡི།

    མོ་ལུ་ གནམ་གྲུ་ཐང་ལས་ ལེན་བ་འགྱོ་བའི་ཚེས་ ཁོ་གི་སྐོར་ལས་ཤེས་ཅིག། ང་ལུ་ བྷེ་རུཊ་ལས་སྦེ་ ལྕགས་འཕྲིན་གཅིག་ཧང་ཏོ་མར་ ལྷོད་ཅིག། འདི་ནང་ལུ་ གནམ་གྲུའི་ཨང་དང་ སྤྱི་ཚེས་འབྲི་སྟེ་འདུག། གནམ་གྲུ་འདི་ གནམ་གཤིས་ལེགས་ཤོམ་མེདཔ་ལས་བརྟེན་ ཆུ་ཚོད་བཞི་གི་ འཕྱིས་སུ་ཅིག་སྦེ་ལྷོད་ཅིག། གནམ་གྲུ་ལྷོདཔ་ད་ ཁོང་གཉིས་འོང་དེས། ལགཔ་བཟུང་སྦེ་ ད་རེས་ཁམས་ཅིག་ གཉེན་རྐྱབས་རྐྱབ་བཟུམ། མོ་གི་ ང་ལུ་ ཁོ་ངོ་སྤྲོད་འབད་ཞིནམ་ལས་ ང་བཅས་ལག་མཐུད་རྐྱབས་ཅིག། ཁོའི་ལགཔ་སྲ་དྲགས་སྦེ་འདུག་ ཕྱི་རྒྱལ་ནང་ལུ་ མངམ་སྦེ་སྡོད་མི་མི་བཟུམ། མོ་ ཊེམ་པཱུ་ར་དང་ ལྟོ་གནམ་མེད་ས་མེད་ཟ་དགོ་མནོཝ་མས་ ཟེར་སླབ་བའི་ཤུལ་མ་ ང་བཅས་གསུམ་ཟ་ཁང་གཅིག་ནང་འགྱོ་ཡི། མོ་ ལྟོ་བཟའ་སྡོདཔ་ད་ ཁོ་དང་ང་ ཟོམ་ཅུང་ནང་གི་ བི་ཡར་ལེན་མཐུང་ཡི། 

    ཁོ་གིས། ང་འདི་ ནང་འདྲེན་དང་ ཕྱིར་ཚོང་གི་ ཚོངས་འབྲེལ་འཐབ་ཨིནམ་ ཟེར་སླབ་དེ། 

    དེ་འབདཝ་ད་དེའི་སྐོར་ལས་རྒྱས་ཤིང་རྒྱསཔ་སྦེ་ག་ཅི་ཡང་མ་སླབ། ཁོ་རའི་གཡོག་གིས་སྐོར་ལས་བློ་སླབ་དགོ་མ་མནོ་ ཡང་ན་ ཁོའི་བློ་ཉན་ ང་དབངཔོ་ངལ་དོ་འོང་ ཟེར་མནོ་དེ་ཨིནམ་འོང། ང་ཡང་ འབྲི་བ་མ་འདྲི།

    ལྟོ་བཟའ་ཚརཝ་ད་ མོ་ཧ་གླལ་འཕྱར་ཏེ་ ང་གཉིད་ལོག་ཡི་ ཟེར་སླབ་ཅིག། ང་བལྟ་བའི་ཚེས་ མོ་ཟ་ཁང་འདི་ནང་ར་ཉལ་ནི་བཟུམ་རང་ མཐོང་ཡི། མོ་ དཔྱད་རིག་རྣམ་རྟོག་མེད་པར་ཉལ་ནིའི་ ལང་ཤོག་མཐོན་མི་ མི་གཅིག་ཨིན། ཁོ་གི་སླབ་དེས་ གླ་འཁོར་ནང་སྦེ་ མོ་ལུ་ ཁྱིམ་ན་བཀལ་འབྱིན་དགེ་ཟེར། ང་གི་སླབ་ཅིག་ ང་ར་ལུ་འདི་ རེལ་ལི་ལས་ མགྱོགས་སུ་ཅིག་ཨིནམ་འོང་ཟེར། ཁོང་གཉིས་ལེན་བ་ ང་ལུ་ཚ་གྱང་ལང་སྟེ་ གནམ་ཐང་ན་ག་ཅི་སྦེ་འོང་ཡི་ག་ཟེར་ ཚོར་སྣང་གཅིག་ཡང་འོང་ཡི། 

    ཁོ་གིས་སླབ་དེས། ང་ ཁྱོད་དང་ འཕྱད་དེ་ སེམས་དགའ་ཡི།

    ང་གིས། ང་ཡང་ ཟེར་ལེན་སླབ་ཅིག།



འདི་གི་ཤུལ་ལས་ཡང་ ཁོ་དང་ཅིག་ཁར་ ལོག་ལེ་ཤ་ཅིག་ར་ འཕྱད་ཅིག། མོ་དང་ ནམ་ཕྱདཔ་ཅིག་ར་ ཁོ་ཡང་ཕར་འོང་ནི་ཡོད་ མོའི་ སྦོ་ལོགས་ཁར། མོ་ ང་དང་ཕྱད་ནིའི་ གྱོས་བརྩམ་པ་ཅིན་ མོ་ལུ་བསྐྱལ་ནི་སྦེ་ ཁོ་འོང་ནི་ཡོད། ཁོ་ དངུལ་བཟུམའི་ཚོས་གཞི་ཡོདཔ་མི་ སྣུམ་འཁོར་གཅིག་གཏང་སྟེ་ འོང་ནི་འདུག། ཇར་མཱ་ནའི་ ཀཱར་གཅིག་ཨིན་མས། ཀཱར་ཚུའི་ སྐོར་ལས་ ག་ནི་ཡང་མ་ཤེས་ནི་འདི་གིས་ འགྲེལ་བཤད་ལེག་ཤོམ་སྦེ་རྐྱབ་མི་ཚུགས་པས་ ལགས།

    ཚར་གཅིག་འབདཝ་ད་ ང་གི་འདྲི་ཡི། ཁོ་ མི་ཕྱུགཔོ་གི་གྲངས་སུ་ ཨིནམ་བཟུམ་འདུག། མེན་ན།

    ཨིན་མས། ཟེར་སླབ་དེས་ མོ་གིས་ དང་འདོད་མེད་པར། ཨིནམ་བཟུམ་འདུག།

    ཕྱི་ཁའི་ ཉོ་ཚོང་ན་ལུ་ ཏི་རུ་དར་ཞིང་རྒྱས་ཏེ་ འཐོབ་ནི་ཡོད་ག? 

    ཕྱི་རྒྱལ་གྱི་ ཉོ་ཚོང་ ཡ། 

    ཁོ་གིས་ ང་ལུ་འདི་ཨ་ནེ་སྦེ་ཨིན་ཟེར་ སླབ་དེས།

    ཨིན་ན། ཨིནམ་འོང། ང་གི་འདི་མི་ཤེས་མས། ཁོ་གཡོག་ག་ཏེ་ཡང་ འབད་དོ་བཟུམ་མ་མཐོང། མི་ཚུ་ ལེ་ཤ་འཕྱད་ནི་འདུག། དེ་ལས་ བརྒྱུད་འཕྲིན་ཡང་ གནམ་མེད་ས་མེད་གཏང་ནི་ཅིག་འདུག། དེ་འབདཝ་ད་ ཁོ་ འདི་ན་ལུ་ ཟིང་སྟེ་སྡོད་ནི་འདི་ མིན་ནུག། 

    གེཏསི་བི་ བཟུམ་ ཟེར་མནོ་ཡི་ ང་གིས། ཕོ་སྐྱེས་གཞོནམ་གཅིག་ མགུ་འཐོམ་འདྲི་བ་གཅིག་བཟུམ། ང་གི་ མནོ་ཡི་ ཁོ་ག་ཅི་འབདཝ་ཨིན་ན་ཡང་མི་ཤེས་པས་ དེ་འབདཝ་ད་ ཏི་རུ་མ་ལངམ་སྦེ་འདི་ སྡོད་ནི་མིན་འདུག།


སྤྱི་ཟླ་ ༡༠་ པའི་ནང་ གཟའ་ཟླཝ་གཅིག་ནང་ལུ་ མོ་གི་ ང་ལུ་ བརྒྱུད་འཕྲིན་གཅིག་བཏང་ཡི། དེ་སྒང་ ངེའི་ཨམ་སྲུ་ཡང་ མོ་རའི་སྤུན་ཆ་ཚུ་ འཕྱད་བར་ཁྲོམ་འདི་ལས་ ཕྱི་ཁར་ཡར་སོང་པའི་ཤུལ་ལས་ ཁྱིམ་ནང་རང་རྐྱངམ་སྦེ་སྡོད་ཡི། གཟའ་ཟླཝ་ལེགས་ཤོམ་གཅིག་འབདཝ་ལས་ ང་ཨེ་པཱལ་གཅིག་བཟའ་སྟེ་ ལྡུམ་ར་ནང་ཡོདཔ་མི་ཤིང་ཚུ་ བལྟ་སྡོད་ཅིག། ཉིནམ་འདི་ན་ ཨེ་པཱལ་བདུན་དེམ་ཅིག་ར་ ཟ་ཚརཝ་ཨིནམ་འོང། འཕྲལ་འཕྲལ་རང་ང་དེ་བཟུམ་འབད་ནི་ཡོད། ཐབས་དང་ དབང་མེད་པར་ཨེ་པཱལ་བཟའ་དགོ་མནོ་ནི་ཡོད།

    མོ་གིས་ སླབ་དེས། ང་བཅས་ཉེ་འཁོར་ན་ལུ་ སྡོད་ཡི་ ཁྱོད་འཕྱད་བ་འོང་དགོ་པས་ཟེར་མནོ་ཡི།

    ང་བཅས་ཟེར་མི་འདི།

    ཁོ་དང་ ང་ཏེས་་་། ཟེར་མོ་གིས་ བཤད་དེ།

    ཏུབ་ ཤོག་ཟེར་འབོ་ཡི། 

    ཡ་ཡ་་་། ཆུ་ཚོད་གཅིག་གི་ནང་ན་ལྷོད་འོང། ཟེར་སླབ་སྟེ་ མོ་གིས་བརྒྱུད་འཕྲིན་བཞག་ཡི།

    སེམས་ཡེངས་ཏེ་ འབོལ་ཁྲི་གུ་དུས་ཡུན་ཐུང་ཀུ་ཅིག་སྡོད་ཡི། དེ་ལས་ཡར་ལོང་ ཟིམ་ཁྲུས་རྐྱབ་སྟེ་ རྒྱ་བོ་ཡང་བཞུར་སྡོད་ཅིག། ཁྱིམ་འཕྱག་ན་ དེ་སྦེ་རང་བཞག་ན་ ཟེར་ཐག་གཅད་མ་ཚུགས་པར་ལུས་སོང་ཡི། ཁང་མིག་གང་ དཔེ་དེབ་ དུས་དེབ་ ཡི་གུ་ སྒྲ་འཁོར་ པི་སི་ དང་ ཨོམ་སོ་ཁེན་ཇ་ཚུ་ རག་རོ་སྦེ་འདུག། ཨིན་ཏེ་འབད་རུང་ ཁམས་ལོག་སི་སི་སྦེ་འདི་མ་སྡོད། དེ་གིས་སྦེ་ འཕྱག་ནི་དང་ ཧིང་སང་ས་བཟོ་ནི་འདི་ བཀོ་བཞག་ཡི།


ཉིན་སྨད་ཆུ་ཚད་ ༢ ་གི་ རྒྱབ་ལས་ སྣུམ་འཁོར་ཀཱར་གཅིག་གི་ སྐད་ཧ་གོ་སྟེ་ སྒོ་ཁར་འཐོན་བལྟཝ་ད་ དངུལ་གྱི་ཀཱར་འདི་ལྷོད་དེ་ འདུག། མོའི་གདོང་སྒོ་སྒྲིག་ལས་འཐོན་ཏེ་ ལགཔ་གཡུག་ཅིག། སྣུམ་འཁོར་བཞག་ས་འདི་ཁྱིམ་གི་ རྒྱབ་ཁ་ཨིན་ཟེར་སྟོན་བྱིན་ཡི་ ང་གིས།

    ང་བཅས་ལྷོད་ཅིག་སྨས། ཟེར་ མོ་དགའ་འཛུམ་སྟོན་ཏེ་སླབ་ཅིག། མོ་ ཁེན་ཇ་ཡང་འཕྲོད་འཕྲོད་ མོ་གི་ བཟོ་དབྱིབས་མཐོང་ཚུགསཔ་གཅིག་གྱོན་ཏེ་ འདུག། སྨད་གཡོག་ཕྱེད་རསམ་ཧོནམ་གཅིག་ གཅིག་ཁར།

    ཁོ་ སྟོད་གཡོགཔ་སྔོ་ནག་གཅིག་གྱོན་ནུག། ང་བལྟ་ཚེས་ ཡང་ཅིན་ཉིནམ་གསུམ་དེམ་ཅིག་གི་ རྒྱམ་ཞོལ་རིངསམོ་འགྱོ་ནི་དི་ཀྱི་ ཨིན་ན། ག་དེ་འབད་རུང་ཁོ་ མ་འདྲཝ་ཅིག་མཐོང་མས། སྣུམ་འཁོར་བཞག་ཚར་བའི་ཤུལ་མ་ ཁོ་ ཕྱི་ཁར་འཐོན་ཏེ་ ཉི་ཤལ་ཕུད་དེ་ སྦོ་ཁུག་ནང་བཙུགས་ཡི། 

    ཁོ་གིས་སླབ་དེ། ད་རེས་ཁྱོད་ངལ་འཚོ་དེ་ སྡོདཔ་ད་འདི་འཕྲོ་ལས་ འོང་ཡི། ཁྱད་མེད་སྨོ།

    ཁྱད་མེད། ཟེར་ང་གི་ སླབ་ཅིག། ད་རེས་ ངའི་ངལ་གསོ་ཨིན། ཆ་རོགས་འོང་ཆོག་ཆོ་ཨིན་བ།

    མོ་གིས། ང་བཅས་བཞེས་རྩམ་ཆུང་ཀུ་ཅིག་འབག་འོང་ཡི་ ཟེར་སླབ་སྟེ་ ཀཱར་གྱི་ རྒྱབ་ཁའི་སྡོད་ཁྲི་ལས་ ཤོག་རས་དཀརཔོ་གིས་བཟོ་མི་ ལྟོ་ཧོད་སྦོམ་གཅིག་ འཐེན་ཡི། 

    བཞེས་རྩམ་ཡ། 

    གནམ་མེད་ས་མེད་ག་ནི་ཡང་མིད། ད་རེས་གཟའ་ཟླཝ་ལུ་ ང་བཅས་ཁྱོད་འབད་ས་ དེ་འཕྲོ་ལས་ ལག་སྟོངམ་འོང་བ་ཨ་རྩི་གཡང་ཟ་ཡི།

    ཀྲིག་ཀྲི་ཨིན་པས། ད་རེས་ ང་ ཨེ་པཱལ་རྐྱངམ་གཅིག་ཟ་སྡོད་ཅིག་ས།

    ང་བཅས་ནང་ན་འགྱོ་སྦེ་ བཞེས་སྒོ་ཚུ་འབྲི་ཁྲི་གུ་ བཀོད་བཞག་ཡི། ལེ་ཤ་ཅིག་རང་འདུག། ནོར་ཤ་མེ་བཏང་བཏང་མའི་སེན་ཝིཅ་ ཧོ་སྒྱེ་ དུ་སྐམ་རྐྱབས་རྐྱབ་བའི་སེལ་མཱོན་ དེ་ལས་ ཚལ་ལུམའི་འཁྱེག་ཟས་ ག་ར་ འབོར་ཆེར་ཏོག་ཏོ་སྦེ་ འདུག། མོ་ སྡེརམ་ཚུ་གྲ་སྒྲིག་འབདཝ་ད་ ང་ བསིལ་སྒྲོམ་ནང་ལས་ ཝའིན་དཀརཔོ་གཅིག་བཏོན་ཏེ་ ཁ་ཕྱེ་ཡི། ཟས་སྟོན་གཅིག་འདུག་མས་ ད་རེས་ ང་བཅས་ཀྱི་དོན་ལུ།

    ང་ ལྟོཝ་བཀྱེས་ཡི། བཟའ་དགེ་ ཟེར་མོ་གིས་སླབ་ཅིག་ ཨ་རྟག་བཟུམ་སྦེ།

    ང་བཅས་སེན་ཝིཅ་ཀྲེབ་ཀྲེབ་ ཀྲུམ་ཀྲུམ་ཏང་རྨྱུར་ཡི་ ཧོ་སྒྱེ་བཟའ་ཡི་ དེ་ལས་ སེལ་མཱོན་ལྟོ་ཕོགས་གཅིག་ར་བཟའ་བཏང་ཡི། ཝའིན་འཐུང་ཚརཝ་ད་ བསིལ་སྒྲོམ་ནང་ལས་ བི་ཡར་འཐུང་སྡོད་ཡི། ངའི་བསིལ་སྒྲོམ་གི་ སྐོར་ལས་དུམ་གྲ་ཅིག་སླབ་བ་ཅིན་ འདི་གི་ནང་ན་བི་ཡར་འདི་ རྟག་བུ་ར་འོང་ནི་ཡོད། ཁོ་ ཆང་ག་དེམ་ཅིག་འཐུང་རུང་ ག་ནི་ཡང་འགྱུར་ས་མ་མཐོང། ང་རང་ཡང་ཆང་འཐུང་ནི་ནཱ་ མཁས་མཆོག་གཅིག་ཨིན། ང་བཅས་གཅིག་ཁར་ མོ་ཡང་བི་ཡར་འཐུང་ཡི། སྔ་རྟིང་མེད་པར་ འབྲི་ཁྲི་གུར་ དམ་སྦྱིས་སྟོངམ་ལེ་ཤ་ཅིག་ར་ལྷོད་ནུག། མོ་གིས་སྦེ་ སྟེགས་ལུ་ཡོདཔ་མི་ སྒྲ་འཁོར་ཚུའི་ནང་ལས་དག་པ་ཅིག་ གདམ་ཁ་རྐྱབ་སྟེ་ སྙན་ཆ་སྐྲོག་མི་ནང་བཙུག་སྟེ་ འགོ་བཙུག་ཡི། དང་པ་ མ་ཡལསི་ཌེ་ཝིསི་༢ གི་ གླུ་དེབ་གཅིག་ཨིན་པས།

    ཐོས་བྱའི་མཁོ་ཆས་ཚུ་གི་ སྐོར་ལས་བློ་སླབ་སྡོད་ཅིག། ཡུདཔ་ཐེངས་ཅིག་གི་རྒྱབ་ལས་ ཁོ་ ཁུ་སིམ་སི་ཡར་སོང་ཡི། དེ་ལས་ ཁོ་གིས་སླབ་དེ་ ཁྱོད་འཐུང་དགོ་མནོ་བ་ཅིན ང་འབད་ས་རྩྭ་ཡོད་ ཟེར། 

    ལེན་ལོག་ ག་དེ་སྦེ་སླབ་ན་ཡང་མ་ཤེས། ཏམ་ཁུ་ཐུང་ནི་སྤང་སྟེ་ ཟླཝ་གཅིག་ཡར་སོངམ་སྡོད་ཅིག། ཐད་རི་བ་རི་སྤང་ཚུགས་ག་ འདི་ཏན་ཏན་མ་སྡོད། ད་རུང་ ཀེ་ཧང་འཐུང་བ་ཅིན་ ངེའི་གཟུགས་ལུ་ ག་ཅི་འབད་འོང་ག་མ་ཤེས། ཨིན་ཏེ་སྦེ་རུང་ འཐུང་བལྟ་དགེ་ཟེར་ཐག་གཅད་ཡི། ཁོ་གི་ སྦོ་ཁུག་ནང་ན་ཡོདཔ་མི་ ཤོག་རས་ནང་ལས་ འདབ་མ་གནགཔོ་འབད་མི་གཅིག་བཏོན་ཡི། རྩྭ་འདི་ ཏམ་ཁུའི་ཤོག་ཀུ་གུར་བཀལ་ཚར་ཞིན་ན་ ཤོག་ཀུའི་ཟུར་ཁ་ལས་ཕར་ལྕེ་གིས་སྦེ་ བལྡག་སྟེ་ ཁོ་གི་ མེ་ཀྲེ་བཏང་ཡི། ཨ་རྩི་ཅིག་འཐེན་སྦེ་ ང་ལུ་ གཏང་ཡི། 

    ང་བཅས་བློ་མ་སླབ་བར་སྡོད་ཡི་ ཁུ་སིམ་སི་ཏང་ཀེ་རྣམ་འཐུང་སྡོད་ཅིག། མ་ཡལསི་ཌེ་ཝིསི་གི་ ཞབས་ཁྲ་ཚུ་ཚར་ཞིནམ་ལས་ སུ་ཊརའ་ཝསི་གི་ ཟུང་ཁྲབ་ཀྱིས་ གླུ་གཞས་ཚུ་འགོ་བཙུགས་ནུག། ད་རེས་ རྟག་བུ་ར་གི་ གློག་རིག་ལས་རིམ་འདི་མེན་པས། དེ་འབདཝ་ད་ ལས་རིམ་སྐྱོ་སྐྱོཝ་གཅིག་ཡང་མེན་ ཟེར་མནོ་ཡི།

    རྩྭ་ དང་པའམ་འདི་ འཐུངམ་ཚརཝ་ད་ མོ་གཉིད་སྡུག་རྐྱབ་ཅིག་ཟེར་སླབ་དེས། ཁ་ཙ་ཕྱི་རུ་ལེགས་ཤོམ་སྦེ་ མ་ཉལ་ནི་འདི་གིས་ ད་རེས་ བི་ཡར་གསུམ་དང་ རྩྭ་དེ་གིས་ བརྡབ་བཏང་ནུག། མོ་ལུ་ སྟེང་ཐོག་ལུ་འཁྱིད་དེ་ ཉལ་ཁང་འདི་སྟོན་འབྱིནམ་ད་ལུ། ཁེན་ཇ་གཅིག་བརྙ་དགེ་ཟེར་སླབ་དེ་ མོ་གིས། ང་གི་ གཅིག་འཚོལ་འབྱིན་ཡི། མོ་ གོ་ལ་བཤུབ་སྟེ་ ཁེན་ཇ་འདི་གྱོན་སྦེ་ ཉལ་ཁྲི་གུ་ ཧལ་སྡོད་ཡི། མི་གྱང་མས་ག་ ཟེར་འདྲིཝ་ད་ལུ་ མོ་ གཉིད་ཐོད་དེ་ ཧོརཔ་བཏོན་ཏེ་ སྡོད་ནུག། མགུ་ཏོ་གཡོ་སྤྲུག་རྐྱབ་སྟེ་ ང་ ལོག་འོག་ཐོག་ལུ་ འགྱོ་ཡི།

    སྒོ་ཁང་ནང་ལུ་ མོ་གི་ བུ་རོགས་འདི་ ཏམ་ཁུ་གཉིས་པའམ་བཟོ་སྟེ་ སྡོད་ནུག། ཁོ་ མི་ ག་ཅི་ཅིག་འདི་ཨིན་མས་གོ། གདམ་ཁ་ ང་ལུ་ ཡོད་ན་ མོ་གི་རྩ་བར་བདེ་སར་འཇར་ཏེ་ ང་ཡང་ཉལ་ནི་འོང། དེ་འབདཝ་ད་་་། ཏམ་ཁུ་གཉིས་པའམ་འདི་ ཁོ་གཅིག་ཁར་བགོ་བཤའ་རྐྱབ་འཐུངམ་ད་ ཟུང་ཁྲབ་འདི་ འཐོན་དེ་རང་འདུག། ག་ཅི་སྦེ་ཨིན་ན་མ་ཤེས་ ང་ ཆུང་ཀུ་སྦེ་སྡོདཔ་ད་གི་ འཁྲབ་སྟོན་གཅིག་སེམས་ཁར་དྲན་ཅིག། འདི་ན་ ང་ལག་ཤུབས་ཀྱི་ ཚོང་དཔོན་གཅིག་ཨིན།  འ་དོམ་ཕྱུ་གུ་གཅིག་ ལག་ཤུབས་ཉོ་བ་འོང་ནི་ཡོད། དེ་འབདཝ་ད་ ཁོ་ལུ་ ཏི་རུ་མ་ལངམ་བ་སྡོད་ནི་ཡོད།

    ཏི་རུ་ཨ་ནེམ་ཅིག་གིས་འདི་ ལག་ཤུབས་གཅིག་ཡང་མི་འཐོབ་འབའ། ཟེར་ ང་གིས་སླབ་ནི་ཡོད། བཀྲ་ཉེས་ ང།

    འ་དོམ་ཕྱུ་གུ་གིས་ ངེའི་ཨའི་གྱངམ་དེ་ཡོད་ མོ་ སྡེའུ་ཞ་ག་ར་རྨ་བཏོན་ཏེ་ ཨིན་ ཟེར་གསོལཝ་བཏབ་ནི་ཡོད།

    བློ་ཕམ་མས། དེ་འབདཝ་ད་ ལོག་ཤུལ་མ་ ཏི་རུ་མངམ་སྦེ་ ཡོདཔ་ད་ཤོག་ བཏུབ་ག།



རེ་ཅིག་སྐབས་ ང་ གཞིས་ཁྱིམ་ཚུ་ མེ་གཏང་ནི་ཡོད། ཟེར་ ཁོ་གིས་ སླབ་ཅིག།

    ལགས། ཟེར་འཐོན་ཡི་ ངེའི་ཁ་ལས། ང་ གཉིད་ལོག་པའི་ ཤུགས་ཀྱིས་ བློ་ཡང་ལེགས་ཤོམ་སྦེ་ གོཝ་ནི་མིན་འདུག།

    འཕྲལ་འཕྲལ་རང་ ང་ གཞིས་ཁྱིམ་ཚུ་ མེ་གཏང་ནི་ཡོད། ཟེར་ ཁོ་གིས་ ལོག་སླབ་ཅིག། 

    ཁོ་ལུ་ བལྟ་ཡི་ ང། ཁོའི་ སེན་མོ་གི་སྤྱི་ཏོག་གིས་སྦེ་ མེ་ཀྲེ་གུར་ཡོདཔ་མི་ བཟོ་བཀོད་ཚུ་ཐིག་འཐེན་ཏེ་ སྤྲོ་སྡོད་ནུག། ཏམ་ཁུ་ རྩྭ་ ཡུད་ཙམ་ཅིག་གིས་དོན་ལུ་ ནང་ན་འཐེན་ཏེ་ འགྲོས་ཀྱིས་སྦེ་ དུ་པ་ཕྱི་ཁར་བཏང་དེས། ཁོ་གི་ ཁ་ནང་ལས་ ཐོན་མི་དུ་པ་འདི་ འདྲེ་བཟུམ་སྦེ་ བསྒྱིར་སྡོད་ནུག། ཨ་ནཱི་རྩྭ་འདི་ ང་རྒྱ་གར་ལུ་འགྱོཝ་ད་ འབག་འོངམ་ཨིན། ཟེར་ སླབ་ཅིག་ ཁོ་གིས། ཁོང་ཚུ་ལུ་ ཡོདཔ་མི་ནང་ལས་ ལེགས་ཤོམ་དི་ར་ཨ་ནཱི་ཨིན་པས། ཨ་ནཱི་ འཐུངམ་ད་ལུ་ དྲན་པ་ཡོདཔ་མེདཔ་ཆ་མཉམ་རང་འོང་ནི་ཡོད། འོད་མདངས། དྲི་སྣུམ། འདི་ཚུ་བཟུམ། ཁོ་གིས་ མཛུབ་མོ་འདི་ ཚར་ཅིག་གུ་སྤར་ཏེ་ སྐད་ཀྲེག་ཏང་འོང་ཡི།  ཁྱོད་རའི་ དྲན་པ་གི་ ཁྱད་ཆོས་ཚུ་ ཟེར་སླབ་དེས། 

    ཚིག་ག་ཅི་སླབ་ན་གདམ་ཁ་རྐྱབས་དོ་བཟུམ་ ཁོ་དལཝ་ལྷོད་ལྷོད་སྦེ་ སྒུག་སྡོད་ཅིག། འཕྲོ་མཐུད་དེ་སླབ་དེས་ དྲན་པ་གི་ ཁྱད་ཆོས་ཚུ་ གནམ་ཡང་མ་མྱོང་བཟུམ་སྦེ་ མྱོང་ནི་ཡོད། མེན་ན།

    ང་གིས་ ང་ཡང་ ཟེར་སླབ་ཅིག། ངའི་སེམས་ཁར་ལུ་ སློབ་གྲ་ན་སྡོདཔ་ད་གིས་ འཁྲབ་སྟན་དང་ ཤོག་པང་ཚུའི་དྲིམ་ཚུ་ག་ར་སླ་བསྲེ་སྟེ་ ཟིང་དི་སྡོད་ཅིག། 

    གཞིས་ཁྱིམ་གྱི་ སྐོར་ལས་ག་ཅི་བློ། ཟེར་འདྲི་ཡི། 

    ཨ་རྟག་བཟུམ་སྦེ་ གདོང་རྣམ་གྱུར་ག་ནི་ཡང་མེདཔ་མི་གཅིག་སྟོན་ ཁོ་ནཱ་ཐད་བལྟ་སྡོད་ཅིག།

    ཁྱད་མེད་ག་ འདིའི་བློ་སླབ་པ་ཅིན། ཟེར་འདྲི་དེས། 

    ཧེ་མ་སླབ་སྨས་ ཉན་དགེ། ཟེར་ སླབ་ཅིག་ང་གིས།

    ངོ་མར་སླབ་བ་ཅིན་ འཇམ་ཏོང་ཏོ་ཨིན། སྣུམ་ཨ་ཙི་ཅིག་འབག་སྟེ་ བླུག་ཞིན་ན་ མེ་ཀྲེ་གཏངམ་ད་ལུ་ སྤའོ་་་་ མེ་འབར་ནི་ཡོད་མ་རེས། མཇུག་བསྡུཝ་ཨིན། སྐར་མ་ བཅོ་ལྔ་ཡང་དགོ་ནི་མེད། ཨིན་རུང་ ང་ གཞིས་ཁྱིམ་སྦོམའི་སྐོར་ལས་སླབ་སླབ་མེན། ཆུང་ཀུ་ཚུ་ཨིན་ སྦ་སྒོར་བཟུམ་ཡང་མེན། 

    དེ་ལས་་་་་ཟེར་ང་གིས་སླབ་ནི་འགོ་བཙུགས་ཡི་ དེ་འབདཝ་ད་སྡོད་ཡི་ ག་ཅི་སླབ་ན་མ་ཤེས། ག་ཅི་སྦེ་ མེ་གཏངམ་སྨོ་ གཞིས་ཁྱིམ་ཚུ་ ཟེར་འདྲི་ཡི།

    རྣམ་རྟོག་ལང་སི་སི་འདུག་ཡ། 

    མ་ཤེས། ཁྱོད་གཞིས་ཁྱིམ་མེ་གཏང་ནི་འདུག་ ང་དེ་སྦེ་འབད་ནི་མིད། ཨ་ནཱི་གཉིས་ཀྱིས་ བར་ན་དབྱེ་བ་ཨ་ཙི་ཅིག་འདུག་མེན་ན།

    ཁོ་སྡོད་ཡི་ དེ་སྦེ་དྲན་མེད་པར། ཁོ་གིས་ སེམས་ཚིགས་དཀྲུག་དོ་བཟུམ་ ཤེལ་སྦྱར་སྐྱོ་མ་བཟུམ། གཅིག་འབདན་ ང་རའི་སེམས་འདི་ཨིནམ་འོང་ ཚུལ་མཐུན་མེདཔ་འགྱོཝ་མི་འདི། 

    ཟླཝ་གཉིས་གི་ནང་ན་ ང་གཞིས་ཁྱིམ་གཅིག་མེ་གཏང་ནི་ཡོད་ ཟེར་སླབ་སྦེ་ ཁོ་གིས་ མཛུབ་མོ་དི་ལོག་སྤར་ཡི། སྐད་ ཀྲེག་བཏང་འཐོན་ཡི། མགྱོགས་ཚད་ཀྲིག་ཀྲི་གཅིག་འདི་ ཨ་ནཱིམ་ཅིག་ཨིན་མས། ངའི་དོན་ལུ་འདི་ ཟེར་སླབ་དེས།

    ང་ མགུ་ཀྱོག་ཀྱོག་སྦེ་ སྤར་ཡི་ དང་འདོད་ག་ནི་ཡང་མེད་པར། མགྱོགས་ཚད་ཀྲིག་ཀྲི་གཅིག།

    དེ་ལས་་་་ ང་གིས་འདྲི་ཡི་ ཁྱོད་གིས་ མེ་གཏངམ་ཨིནམ་ཚུ་ ཁྱོད་རའི་ གཞིས་ཁྱིམ་ཚུ་ཨིན་ན།

    ཁོ་གི་ ང་ལུ་ ང་བསམ་ཚུལ་མེདཔ་མི་ མི་ཨིནམ་བཟུམ་བལྟ་ཡི། ང་གིས་ ང་རང་གི་ གཞིས་ཁྱིམ་ཚུ་ག་ཅི་སྦེ་ མེ་གཏང་ནི། ང་ལུ་ གཞིས་ཁྱིམ་དེ་ཚད་ཚེ་ག་དེ་སྦེ་ འོང་ནི།

    ཏེས་་་ ཁྱེད་ཀྱིས་ སླབ་མི་འདི་ ཁྱོད་ མི་གཞན་མི་ཚུའི་ གཞིས་ཁྱིམ་ཚུ་མེ་གཏངམ་ཨིན་ཟེར་ ཡ།

    འདི་བདན་ ཟེར་ཁོ་གིས་སླབ་ཅིག་ ཐད་རི་བ་རི། མི་གཞན་ཚུའི་ གཞིས་ཁྱིམ་ཚུ་ མེ་གཏང་ནི་ཡོད། དེ་ ཁྲིམས་དང་འགལ་བའི་ལཱ་གཅིག་ཨིན་ ད་ལྟོ་ ང་བཅས་རྩྭ་འཐུངམ་སྡོ་བཟུམ། 

    ང་ ཁུ་སིམ་སི་སྡོད་ཡི་ ངའི་ཀི་ལི་གཉིས་ཆ་ར་རྐང་ཁྲིའི་ལག་ཐོ་ཁར།

    ང་ གཞིས་ཁྱིམ་ཚུ་ མི་གཞན་ག་གི་གནང་བ་ཡང་མེད་པར་ མེ་གཏང་ནི་ཡོད། ཨིན་རུང་ འཐུཝ་ད་ལུ་ བརྟག་ཞིབ་སྦོམ་གཅིག་ནང་མ་འགྱུངམ་ནི་ཨིནམ་ཚུ་ གདམ་ཁ་རྐྱབས་ནི་ཡོད། མེ་ལྕེ་སྦོམ་འགོ་བཙུགས་ནིའི་མནོ་བསམ་མེན་པར་ གཞིས་ཁྱིམ་མེ་གཏང་ནི་འདི་ཨིན།

    མགུ་ཀྱོག་ཀྱོག་སྦེ་ སྤར་ཏེ་ ཏམ་ཁུའི་མེ་འདི་བསད་བཞག་ཡི། དེ་འབདཝ་ད་ ཁྱོད་བདའ་ཟུན་བ་ཅིན་ དཀའ་ངལ་ནང་ལུ་ ཚུད་ནིའི་ ཉེན་ཁ་འདུག་མེན་ན། མེ་སྤར་མིའི་གྲངས་སུ་ ཨིན་མས། འཛོལ་བ་གཅིག་གཏང་ན་ བཙོན་ཁང་ནང་ཚུད་ནི་ ཨིན་མས།

    ང་ལུ་ བདའ་མི་ཟུན། སྟབས་བདེ་ཏོག་ཏོ་སྦེ་ སླབ་དེས། ང་ དངས་སྣུམ་བླུགས་ མེ་བཏེགས་ཏེ་ བྱོག་འགྱོ་ནི་ཡོད། དེའི་ཤུལ་ལས་ ཐག་རིང་ས་ལས་ རྒྱང་ཤེལ་གཅིག་ལས་ བལྟོདམོ་བལྟ་ནི་ཡོད། ང་ལུ་ བདའ་མི་ཟུན། གཞིས་ཁྱིམ་ཆུང་ཀུ་གཅིག་ མེ་འཚིགཔ་ད་ར་ འགག་སྡེ་ཚུ་ཀྱིས་ ཐབས་ཤེས་གང་དྲག་གི་སྒོ་ལས་འཚོལ་ནི་འདི་མེདཔ་འོང་ མེན་ན།

    གཅིག་འབདན་ ཁོ་ དེན་ཡང་བདེན་དོ་འོང་ ཟེར་མནོ་ཡི། ད་རུང་ ཟབ་སྤྲོད་རྡིག་པའམ་ སྣུམ་འཁོར་གོང་ཆེ་བ་གཅིག་གཏང་མི་མི་གིས་ ཕར་འགྱོ་ཚུར་འགྱོ་ གཞིས་ཁྱིམ་ཚུ་ མེ་གཏངམ་འོང་ཟེར་མནོ་མི་འདི་ ག་ཡང་མེདཔ་འོང། 

    མོ་གིས་ ཤེས་ག། ཟེར་འདྲི་ཡི་ མཛུབ་མོ་གིས་སྦེ་ སྟེང་ཐོག་གི་ ཉལ་ཁང་ལུ་ དཔག་སྟེ་སྟོནམ་ད།

    མོ་གིས་ མི་ཤེས། ཕྲང་སླབ་པ་ཅིན་ ང་གིས་ མི་གཞན་གཅིག་ལུ་ར་ མ་སླབ། དེ་བཟུམའི་དོན་ཚན་འདི་ ག་འབད་རུང་ཅིག་ལུ་ སླབ་ས་རང་མིན། 

    ཏེ་ ང་ལུ་ ག་ཅི་སྦེ་་་་།

    ཁོའི་ ལགཔ་གཡོསཔ་གི་ མཛུབ་མོ་ཚུ་ཕྲང་འཐོན་ཏེ་ མཁུར་ཚོས་གུ་ ནེ་སྦེ་ར་འཕུར་ཡི། རྒྱ་བོ་ཆུང་ཀུའི་སྐད་འདི་ འབུཔ་གཅིག་ཤོག་ཀུ་དོང་སྤེད་དེ་ ལམ་འགྱོ་དོ་བཟུམ་སྦེ་ ཧ་གོ་ཡི། 

ཁོ་གིས་སླབ་ཅིག། ཁྱོད་ རྩོམ་སྒྲིག་པ་གཅིག་ཨིན་ མེན་ན། ང་གི་མནོ་ཡི་ ཁྱོད་ མིའི་རང་བཞིན་གྱི་ སྐོར་ལས་ལྷབ་ནི་ལུ་ སྤྲོ་བ་ཡོདཔ་འོངམ་ཟེར། རྩོམ་མི་ཚུ་གིས་ ག་ཅི་གི་སྐོར་ལས་ དབྱེ་ཞིབ་འབད་དེ་ དཔྱད་ཁྲ་གཏང་ནི་བོ་ཧེ་མ་ དེ་ལུ་ ཧ་གོ་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་གལ་ཆེ་ ཟེར་མནོ་ཡི། དེ་གི་མ་ཚད་ ང་ མི་ག་ཨིན་ན་ཅིག་ གཅིག་ཁར་བློ་ཤེས་ནི་སྦེ་ སྡོད་ཅིག། ང་གི་ སླབ་ཐང་འདི་ མ་འདྲཝ་སྦེ་ཚོར་འོང། དེ་འབདཝ་ད་ ཁྱོད་གིས་ཤེས་ག་ འཛམ་གླིང་ག་ར་གཞིས་ཁྱིམ་གྱིས་ གང་སྟེ་འདུག། ང་ནམ་འོངམ་སྦེ་ མེ་གཏང་ནི་ཨིན་ན་ཟེར་ བསྒུག་སྡོ་བཟུམ། རྒྱ་མཚོའི་སྦོ་ལོགས་ཁར་ཡོདཔ་མི་ཁྱིམ་གཅིག་ འབྱ་ཞིང་གི་ སྦུག་ན་ཡོདཔ་མི་ཁྱིམ་གཅིག། ག་དེ་སྦེ་རུང་ མ་འདྲཝ་སྣ་ཚོགས་ཀྱི་ གཞིས་ཁྱིམ་ཚུ། ང་ལུ་ སྐར་མ་བཅོ་ལྔ་གནངམ་པ་ཅིན་ ག་ར་མེ་གཏང་ཚུགས། ཧིང་སང་ས་སྦེ་ ཧེ་མ་གཞིས་ཁྱིམ་སྡོད་ཡང་ མ་སྡོདཔ་བཟུམ་སྦེ། ག་ཡང་ ལྐོདམ་ལྡིབ་ནི་མེད་པར་ ༼ཡང་ན་ སེམས་སྐྱོ་ནི་མེད་པར་ ༽ དེ་ ཡལ་ཏེ་འགྱོ་ནི་ཡོད། 

    དེ་འབདཝ་ད་ མ་བཞག་རུང་བཏུབ་མིའི་ གཞི་གྲུབ་མི་ མི་འདི་ཁྱོད་ཨིན་པས་ ཏེས།

    ག་ཅི་གིས་ གཞི་ཡང་གྲུབས་ནི་མིད། གཞིས་ཁྱིམ་ཚུ་འདུག་ མེ་འཚིག་ནི་ལུ་ སྒུག་སྟེ། ཁས་ལེན་ནི་ ཅངམ་ཅིག་ར་ཨིན། ཕ་ག་ཅི་འདུག་ ངོས་ལེན་འབད་ནི་རང་ཨིན། ཚརཔ་བཟུམ། ཚརཔ་རྐྱབས་ནི་འདུག། གཙང་ཆུ་སྦོ་ནི་འདུག། ག་ཅི་ཅིག་ འཕྱག་འབག་ནི་འདུག། ཆརཔ་གིས་ གཞི་གྲུབ་ནི་ གདམ་ཁ་རྐྱབས་ནི་འདུག་ག། ང་ ཕྱི་ཁ་འཐོན་ མ་རུང་བའི་    ལཱ་འབད་བ་འགྱོ་འགྱོཝ་བཟུམ་མེན་བ་ ཏེས། ང་ཡང་ཚུལ་ཁྲིམ་དང་ མཐུན་མའི་མི་གཅིག་ཨིན།


ང་བཅས་ཨ་ནཱ་ར་ཁུ་སིམ་སི་སྦེ་ སྡོད་ཡི་ བཟི་སྣང་བསང་ནི་ལུ་ སྒུག་སྡོད་དོ་བཟུམ། ད་འབདན་ག་ཅི་སླབ་ན་ཡང་མ་ཤེས། རང་ རེལ་ལི་ནང་འགྱོཝ་བའི་སྐབས་སྒོ་གྲིག་གི་ ཕྱི་ཁར་བལྟཝ་ད་ལུ་ ཐངས་རྣམ་རྟོག་ལང་སི་སི་མཐོངམ་དོ་བཟུམ། 

    ཧ་ལམ་ཅིག་ལས་ ང་གི་འདྲི་ཡི། ཁྱོད་བི་ཡར་ད་རུང་གཅིག་འཐུང་ན། 

    འཐུང་དགེ་ ཟེར་སླབ་དེས།

    ཐབ་ཚང་ནང་ལས་ བི་ཡར་བཞི་དང་ ཀེ་མེམ་བར་ཊ་ཆི་སི་ གཅིག་འབག་འོང་ཡི། ང་བཅས་རེ་རེ་གིས་ གཉིས་འཐུང་ཡི་དེ་ལས་ དར་ཚིས་བཟའ་ཡི། 

    ཁྱོད་ གཞིས་ཁྱིམ་མེ་མ་གཏང་བར་ག་དེམ་ཅིག་ཡར་སོང་ཡི།

    ཨ་རྩི་སྡོད་ཞིག། ཁོ་ དཔྱད་རིག་གཏང་དེས། ཁ་ཙ་ཁམ་ཅིག་ར་ཨིན་ ནམ་བྱར་ལུ། ཟླཝ་བརྒྱད་པའི་མཇུག་ལུ།

    དེ་ལས་ ད་རུང་གཞིས་ཁྱིམ་གསརཔ་གཅིག་ནམ་ མེ་གཏང་ནི།

    མ་ཤེས། དུས་ཚོད་རེའུ་མིག་གཅིག་དང་འཁྲིལ་ཏེ་ དི་འབད་ནི་མིད་ ཟླ་ཐོ་གུ་རྟགས་བཞག་དོ་བཟུམ། གཞིས་ཁྱིམ་མེ་གཏང་དགོ་མནོཝ་ད་ མེ་གཏང་ནི་ཡོད།

    དེ་འབདཝ་ད། དེ་འབདཝ་ད། ཁྱོད་མེ་གཏང་དགོ་མནོཝ་ད་ལུ་ གཞིས་ཁྱིམ་ཚུ་ཁྱོད་གིས་དོན་ལུ་ གྲ་སྒྲིག་སྦེ་འདི་མེདཔ་འོང་ ཏེས།

    ཐད་རི་བ་རི། ཟེར་ཁོ་གིས་སླབ་དེས། དེ་འབད་ནི་འདི་གི་ ང་ ཧེ་མ་ལས་ར་གཅིག་འཚོལ་བཞག་ནི་ཡོད།

    ཁྱོད་གིས་ ་་་ ་ཤུལ་མམ་གྱི་གཞིས་ཁྱིམ་ ་་་ ་འཚོལ་བཞག་ཡི་ག།

    ཁོ་གི་ མིག་ཏོ་གིས་ཐ་མར་གཉེར་མ་བཟུམ་ཅིག་འོང་ཡི། ལྷ་པ་ལས་དབུངས་ལེན་ཅིག་ར་ ཨིན་ ཟེར་སླབ་དེ་ ང་གིས་ འཚོལ་འཐོབ་ཅིག། 

    དེའི་ཤུལ་ལས་ ང་གིས་ ག་ནི་ཡང་མ་སླབ་བར་ ཁུ་སིམ་སི་ཏང་བི་ཡར་འཐུང་སྡོད་ཅིག།

   

ད་རུང་ཁོ་གིས་སླབ་ཅིག། གཞིས་ཁྱིམ་ ཡ་མཚན་ཆེ་ཏོག་ཏོ་གཅིག་ཨིན། ང་གིས་ དེ་བཟུམ་འོས་འབབ་ཡོདཔ་མི་ གཞིས་ཁྱིམ་མ་མཐོང་བར་ལེ་ཤ་ཅིག་ར་ ཡར་སོང་ཡི། ཐྲང་སླབན་ ང་ད་རེས་ནཱ་ལུ་ གཞིས་ཁྱིམ་དེ་བལྟ་བ་འོང་ཡི།

    ཨ་ཙི་སྒུག་ཞིག། ཁྱོད་གིས་སླབ་མི་གཞིས་ཁྱིམ་དེ་ སྦོག་ལོག་ཁར་ར་ཡོད་ཡ།

    དེ་སྦེ་ ང་བཅས་གཉིས་ཀྱིས་ གཞིས་ཁྱིམ་གྱིས་བློ་དི་ དེམ་ཅིག་སྦེ་མཇུག་འདུ་ཡི།


ཁོ་གིས་ མོ་ལུ་ ཆུ་ཚོད་ ༥་ དེམ་ཅིག་ལུ་ ཚོར་ཡི་ ད་རུང་ དགའ་འཚོར་གིས་བློ་ཅིག་སླབ་སྡོད་ཅིག། བི་ཡར་ལེ་ཤ་ཅིག་འཐུང་རུང་ར་ ཁོ་རག་མ་ཟིག་བས། ཁྱིམ་མའི་རྒྱབ་ལས་ཀཱར་འདི་འབག་འོང་ཡི། ལེགས་ཤོམ་སྦེ་ བ་ལྟཝ་ད་ མགུ་མེ་གུ་ སེར་གུ་གཅིག་འདུག། 

    ང་གིས་སླབ་ཅིག། སྦོག་ལོག་ཁར་ཡོད་མའི་ གཞིས་ཁྱིམ་ཚུ་བལྟ་སྡོད་དགེ།

    བཏུབ་ ཟེར་སླབ་དེ་ཁོ་གིས། སྦོག་ལོག་ཁར་ར་ཨིནམ་ མས།

    མོ་གིས་འདྲི་ཡི། ག་ཅི་སླབ་སྨོ་ གཞིས་ཁྱིམ་བློ།

    ང་བཅས་ཕོ་སྐྱེ་གཉིས་ཀྱིས་ བར་ནའི་བློ་ཨིན་ཟེར་ཁོ་གིས་སླབ་ཅིག།།

    ཨིན་ན་ ཟེར་མོ་གིས་སླབ་དེས།

    དེ་ལས་ཁོང་གཉིས་ཡར་སོང་ཡི།


དི་གི་ནངས་པ་ར་ ང་ དཔེ་ཁང་ནང་འགྱོ་སྦེ་ ང་སྡོད་སའི་ཁྲོམ་གྱི་ ས་ཁྲ་གཅིག་ཉོ་ཡི། ཉེ་འཁོར་ལས་ཕ་བཤལ་ཏེ་ འགྱོཝ་ད་་ ས་ཁྲ་དི་ལག་པར་བཟུང་ པི་སི་གཅིག་གིས་ གཞིས་ཁྱིམ་ག་ཏེ་ཡོད་ས་རྟགས་བཀལ་སྟེ་ སྡོད་ཅིག། གཞིས་ཁྱིམ་ག་ཏེ་མཐོངམ་ཅིག་ས་ཁྲི་གུ་ རྟགས་བཀལ་བཞག་ཡི། ཉིནམ་གསུམ་གི་རིང་ལུ་ ངེའི་ཁྱིམ་གིས་ ཀི་ལོ་མི་ཊར་གཉིས་དང་ཕྱེད་ཀ་འདི་ ཤར་ ལྷོ་ ནུབ་ བྱང་ ག་ཏེ་ཁར་ཏུ་རང་ལམ་འགྱོ་སྦེ་ གཞིས་ཁྱིམ་བལྟ་སྡོད་ཅིག། བཅུ་དྲུག་འདུག། 

    ཁོ་གིས་ བལྟ་བཞག་མི་གཞིས་ཁྱིམ་དེ་ ཨི་ནཱི་བཅུ་དྲུག་ནང་ལས་གཅིག་ཨིནམ་འོང། ཁོ་གིས་བློ་སླབ་ཐང་ལུ་ ཉན་བལྟཝ་ད་ང་གིས་ འགྱོ་མི་ཀི་ལོ་མི་ཊར་གཉིས་དང་ཕྱེད་ཀ་གི་ ཕྱི་ཁར་འདི་མེནམ་འོང་ཟེར་མནོ་ཡི། 

    དེ་གིས་མ་ཚད་ གཞིས་ཁྱིམ་བཅོ་དྲུག་འདི་ ང་གིས་ ལེག་ཤོམ་སྦེ་ ཞིབ་དཔྱད་འབད་ཡི། དང་པ་ མི་ཚུ་གི་ ཁྱིམ་གྱི་ ཉེ་དབས་ཀྱི་ གཞིས་ཁྱིམ་ཚུ་ཁོ་གིས་ མེ་གཏང་མི་ཚུས་ཟེར་མནོ་ཏེ་ གྲངས་སུ་མ་བཙུག། གཉིས་པ་ ནང་ན་འབུབ་སྨན་དང་ ལག་ཆས་ཚུ་ཡོདཔ་མི་ ཨ་རྟག་ར་ལགེན་འཐབ་ཡོདཔ་མི་ གཞིས་ཁྱིམ་ཚུ་ཡང་ མ་བརྕིས། ཁོ་གྱིས་ དེ་ཚུ་འདི་ མེ་གཏང་མི་ཚུགས་ཟེར་མནོ་ཡི། 

    མཇུག་ལུ་ ཚད་གཞི་ནང་ཚུད་མི་ གཞིས་ཁྱིམ་ལྔ་ཅམ་ཅིག་ལུས་ནུག། མེ་གཏང་ཚུགསཔ་མི་ གཞིས་ཁྱིམ་ལྔ་ལུས་ཏེ་ འདུག། སྐར་མ་བཅོ་ལྔ་གི་ནང་ན་ མེ་འཚིག་ཚུགསཔ་མི་ གཞིས་ཁྱིམ་ལྔ། ཇོ་བདག་ཚུ་ལུ་ རྒུད་མངམ་མ་ཕོག་མི་གཞིས་ཁྱིམ་ལྔ། དེ་འབད་རུང་ ལྔ་གིས་ནང་ན་ལས་ ག་འདི་ཨིནམ་འོང་ག་སླབ་མ་ཤེས། ཁོ་རའི་དགའ་གདམ་ལུ་ རག་ལས་འོང། ང་ གནམ་མེད་ས་མེད་ཤེས་དགོ་མནོ་ཡི། ཤིས་ས་ས།

    ས་ཁྲ་འདི་སྤིང་ཏེ་ འདི་ནང་ལུ་བཀལ་མི་རྟགས་ག་ར་གསད་ཡི། དེ་འབདཝ་ད་ལུ་ གཞིས་ཁྱིམ་ལྔཔོ་གི་རྟགས་འདི་ མ་གསད་བར་བཞག་ཅིག། དེ་ལས་ ངེའི་ ཀྲི་སི་ཀུ་ཡེར་ ཕྲན་ཆི་ཀཱུར་ཝི་ དང་ བགོ་ལྕགས་འདི་ཏོན་སྦེ་ ལམ་གཅིག་འབྲི་ཡི། ག་ཏེ་ཐུང་ཀུ་བཟོ་ཚུགས་ཐུང་ཀུ་བཟོ་ཡི། ལམ་འདི་ངའི་ཁྱིམ་ལས་སྦེ་ གཞིས་ཁྱིམ་ལྔཔ་ཆ་རང་ལྷོདཔ་སྦེ་ ལོག་ཁྱིམ་ན་ལྷོད་ཚུགསཔ་བཟོ་ཡི། མཇུག་ལུ་ ལམ་ཐུང་ཀུ་ཟེར་རུང་ར་ མའིལ་བཞི་དེམ་ཅིག་ ཆུ་གཅིག་དང་ སྤོ་ཏོག་ལ་ལུ་ཅིག་ལས་སྦེ་ འགྱོ་དགོཔ་སྤེ་ཨིན་མས།

    འདི་གི་ནངས་པ་ར་ ང་ དལ་རྒྱུག་ནའི་གོ་ལ་གཅིག་གྱོན་ ལྷམ་གཅིག་བཙུག་སྟེ་ ང་གི་འབྲི་མི་ལམ་བདའ་སྟེ་ དལ་རྒྱུག་ན་འགྱོ་སྡོད་ཅིག། ང་ རྟག་བུ་ར་ མའིལ་གསུམ་རྒྱུག་ནི་ཡོད་ནི་འདི་གིས་ མའིལ་གཅིག་ཐབས་རྒྱུག་ནི་ལུ་ ལཱ་ཁག་མ་གཏང། ལེག་ཤོམ་འདུག། ང་འགྱོ་སའི་ལམ་ཁར་རེ་ལེ་འཕྲད་ལམ་གཉིས་ཡོད་རུང་ར་ ང་ལུ་ ཕྱི་ནིའི་དཀའ་སྔལ་མ་ཐོན། ལམ་འདི་ མཐོ་རིམ་སློབ་གྲ་གཅིག་གི་ཐང་ནཱ་ལས་སྦེ་ ཆུ་གཅིག་གི་ཐ་མ་ལས་ མི་ཚུ་གིས་བཞག་སྟེ་ཡོདཔ་མི་ལམ་ལས་མའིལ་གཉིས་འགྱོ་ནི་འདུག། ལམ་དེ་གི་བར་ན་ར་ གཞིས་ཁྱིམ་དང་པ། དེ་ལས་ ཚལ་མ་གཅིག་འོང་ནི་ཡོད་ ལམ་ཡར་ཁ་ཐུག་འགྱོ་ད་ གཞིས་ཁྱིམ་གཉིས་པ། དེ་གིས་ སྦོག་ལོག་ཁར་རྟ་བཞག་སའི་ཁྱིམ་གཅིག་འདུག། རྟ་ཚུ་གཞིས་ཁྱིམ་མེ་གཏང་ས་མཐོང་བ་ཅིན་ འདྲོག་འབད་ནི་འོང་ དེ་འབད་ད་རྟ་ཚུ་ལུ་ གནདཔ་འདི་མི་འབྱུང་ནི་མས། 

    གསུམ་པའམ་དང་ བཞི་བའམ་འདི་ ཅོག་གཅིགཔ་སྦེ་འདུག། མཚེ་མ་ བཟོ་ཉེས་ བཟུམ་སྦེ། ཁོང་ནིའི་བར་ན་མི་ཊར་ ༡༨༠་ དེམ་ཅིག་གིས་ ཁྱད་པར་འདུག། འཇའ་རིསམོ་ག་ནི་ཡང་མིདཔ་མི་ གཞིས་ཁྱིམ་གཉིས་ཆ་ར་ཞིག་རལ་སོང་སོངམ་ཨིན་མས། ཁྱོད་ཀྱིས་སྦེ་ གཅིག་མེ་གཏང་པ་ཅིན་ གཞན་མི་དེ་ཡང་མེ་གཏང་རུང་ཁྱད་མི་ནི་བཟུམ་ཅིགའདུག། 

    མཐའ་མཇུག་གི་གཞིས་ཁྱིམ་འདི་ རེ་ལི་ལམ་གི་ཐ་མ་འདུག་ ང་གི་ལམ་གི་ མའིལ་གསུམ་པམ་འདི་ནང། བལྟཝ་ད་ལུ་ སྣང་མེད་བཞགཔ་ཨིན་ཟེར་གསལ་ཏོག་ཏོ་སྦེ་ ཤེས་པས། གཞིས་ཁྱིམ་དེ་གྱི་གདོང་འདི་ ལམ་ཁར་བསྒོར་ཏེ་འདུག། དེ་ལས་ པེཔ་སི་ ཀོཀ་གི་ བརྡ་བྱང་གཅིག་བརྡབ་སྟེ་འདུག། ཁྱིམ་དེ་རང་ ༼ད་འབདན་འདི་ཁྱིམ་ཟེར་བརྩི་ནི་སླབ་ད་ལུ་ ཁྱིམ་བཟུམ་ཡང་མི་མཐོང་མས༽ ཧྲམ་སྟེ་འདུག། ཁོ་གིས་འགྲེལ་བཤད་བརྐྱབ་དོ་བཟུམ་ཅིག་ར་འདུག་ གཞིས་ཁྱིམ་ ནམ་མི་གཅིག་འོང་སྦེ་ མེ་གཏངམ་འོང་ག་ཟེར་སྒུག་དོ་བཟུམ། 

    མཇུག་གི་གཞིས་ཁྱིམ་འདིའི་གདོང་ཁར་ ང་ སྒུག་སྡོད་ཅིག་ དབུགས་རིམ་སྦེ་ལེན་ཅིག། དེ་ལས་ རེ་ལི་འཕྲད་ལམ་བརྒལ་ཏེ་ ཁྱིམ་ནཱ་ཡར་སོང་ཡི། བསྡོམས་ཏེ་ སྐར་མ་སུམ་ཅུ་སོ་གཅིག་དང་ སྐར་ཆ་སུམ་ཅུ་དགོཔ་མས། 

    ཟླཝ་གཅིག་གི་རིང་ལུ་ ང་ཨ་ནཱི་ལམ་བདའ་འགྱོ་སྡོད་ཅིག། དེ་འབདཝ་ད་ གཞིས་ཁྱིམ་གཅིག་ཡང་ མེ་གིས་མ་འཚིག། རེ་ཅིག་སྐབས་ངའི་སེམས་ཁར་མནོ་བསམ་འོང་ནི་འདུག ཁོ་གིས་སྦེ་ ང་ལུ་ གཞིས་ཁྱིམ་མེ་གཏང་བཅུག་ནིའི་དཔའ་ཡང་མེན་ན་ཟེར།  ངེའི་ལེབ་ནང་ལུ་ གཞིས་ཁྱིམ་མེ་གཏང་གཏང་མའི་པར་གཅིག་འཛུལ་བཅུག་སྦེ། གཞིས་ཁྱིམ་མེ་གཏང་ནི་ལུ་ སེམས་འཁྱམ་ནི་ རྐང་འཁོར་གི་འཁོར་ལོ་ནང་ན་རླུང་མདའ་དོ་བཟུམ་སྦེ། ཁོ་གཞིས་ཁྱིམ་མེ་གཏང་དི་ལུ་ སྒུག་སྡོད་ནི་བོ་འདི་ ང་ར་འགྱོ་སྦེ་ མེ་གཏངམ་དྲག་ནི་ཨིན་པས་ རེ་ཅིག་སྐབས་དེ་སྦེ་ཡང་མནོ་ནི་འདུག་ ང། གཞིས་ཁྱིམ་རྙིངམ་གཅིག་རྐྱངམ་གཅིག་ཨིན་པས་ མེན་ན།

    དེ་འབདཝ་ད་ དེ་སྦེ་འབད་ནི་འདི་ དྲག་ར་དྲག་པས། མཐའ་ན་ གཞིས་ཁྱིམ་མེ་གཏང་མི་མི་འདི་ ང་མེན་ ཁོ་ཨིན། ངེའི་སེམས་ཁར་ལུ་ གཞིས་ཁྱིམ་མེ་གཏང་ནི་གི་ མནོ་བསམ་འདི་ དྲོད་ག་དེམ་ཅིག་གི་སྦེ་ འོང་རུང་ར་ ང་མི་ གཞིས་ཁྱིམ་མེ་གཏང་མིའི་གྲངས་སུ་མེན། ཡན་ཅིན་ཁོ་གཞིས་ཁྱིམ་སོ་སོ་གཅིག་མེ་གཏང་ཏངམ་འོང། ཡན་ན་ལཱ་འབད་དེ་ འདུ་འཛི་ཏེ་ མ་ཁོམ་པ་སྡོད་སྡོདཔ་འོང། 


མོ་ལས་ ག་ཅི་ཡང་ གོ་ནི་མིན་ནུག།

    སྤྱི་ཟླ་ ༡༢ པ་རེན་ཅིག། ནམ་སེར་ཁ་ མཇུག་བསྡུ་ཡི། དྲོ་པའི་རླུང་ཡང་ཁོད་སི་སི། གཞིས་ཁྱིམ་ཚུ་གི་ ཐོག་ཁར་ཁཝ་ཆགས་ནི་གི་མ་ཏོག་ ཧེ་མ་ག་དི་སྦེ་སྡེད་ཅིག་ དེ་སྦེ་རང་སྡོད་ནུག། 


སྤྱི་ཟླ་ ༡༢ པའི་ཚེས་ ཁོ་དང་ཅིག་ཁར་ ཁ་ཐུག་རྐྱབ་ཅིག། ཡི་ཤུའི་འཁྲུངས་སྟོན་ཨ་རྩིག་མ་རེནམ་ཅིག་ཁར་ཨིན་པས། དེ་སྒང་ག་ཏེ་ཡང་འགྱོ་རུང་ ཡི་ཤུའི་མགུར་གླུ་ཚུ་འཐེན་ས་ཧ་གོ་ནི་འདུག། ང་ཡང་ ངོ་ཤེས་མི་ཚུ་ལུ་ ཁྱོསམ་བྱིན་ནི་སྦེ་ ཁྲོམ་ཁར་ཉོ་ཚོང་རྐྱབ་པར་འགྱོ་སྡོད་ཅིག། ནོ་གོ་ཟ་ཀི་ ལྷོདཔ་ད་ལུ་ ཁོ་གི་ སྣུམ་འཁོར་འདི་ འཕྲལ་སྤོད་ཟ་ཁང་གཅིག་གི་ གདོང་ཁར་མཐོང་ཅིག། ང་ མ་འཛོལ་ཟེར་ག་ཏེ་སྦེ་ ཤེས་ཟེར་བ་ཅིན་ ཀཱར་འདི་གིས་ མགུ་མེ་གུ་ སེར་གུ་ཆུང་ཀུ་གཅིག་ཡོད་ནི་འདི་གིས་ཨིན། 

    མནོ་བསམ་མ་གཏང་བར་ འཕྲལ་སྤྱོད་ཟ་ཁང་ནང་ན་འཛོལ་སོང་ཡི། ཟ་ཁང་ནང་ལོགས་དི་ གནག་དུང་དུ་སྦེ་འདུག་ དེ་ལས་ ཀཱ་ཕིའི་དྲི་ཞིམ་ཅིག་འོང་དེས། རྒྱས་སྤྲོས་བཟོ་བཀོད་ཀྱིས་ གླུ་གར་ཉན་སྦེ་ མི་ཚུ་ སྒྲ་འཇམ་ཐབས་ཀྱིས་ཐོག་ལས་ བློ་སླབ་སྟེ་འདུག། ཁོ་འདི་ ཚར་གཅིག་གུ་ར་ མཐོང་ཡི་ སྒོ་སྒྲིག་ཀྱི་ ཐ་མར་ཀཱོ་ཕི་གཅིག་མཐུང་སྟེ་ སྡོད་ནུག། 

    ཧེ་ལོ་ ཟེར་སླབ་ཅིག་ང་གིས། ཁོ་གི་ ཀཱར་མཐོང་སྦེ་འོང་ཡི་ཟེར་འདི་མ་སླབ། ཟ་ཁང་འདི་ནང་འོང་ད་ ཁོ་ཅིག་ཁར་ཁ་ཐུག་རྐྱབ་དོ་བཟུམ་སྡོད་ཅིག། 

    ང་ནཱ་སྡོད་ག།ཟེར་འདྲི་སྦེ་ ང་སྡོད་ཡི།

    ང་བཅས་ཡུདཔ་ཐེངས་ཅིག་བློ་སླབ་སྡོད་ཅིག། དེ་འབདཝ་ད་ བློ་ག་ཅི་ཡང་མེནམ་ཅིག་སྦེ་སླབ་ཅིག། ང་བཅས་བློ་སླབ་ནི་གིས་ དོན་ཚན་ག་ཅི་ཡང་མ་སྡོད་ དེ་ལས་ ཁོ་ཡང་མནོ་བསམ་གཞན་ཅིག་མནོ་སྡོདཔ་བཟུམ་མཐོང་ཡི། དེ་འབད་རུང་ ང་སྡོད་སྡོདཔ་གིས་ ཁོ་ལུ་ འཚེར་ཁག་ཁ་སྦེ་ མནོ་དོ་བཟུམ་མ་མཐོང། ཊུ་ནི་ཤི་ཡ་ ལུ་ཡོད་པའི་ གྲུགས་ཆགས་སའི་སྐོར་ལས་བློ་ཅིག་སླབ་དེས་ ཕར་ལུ་ཡོདཔ་མི་འབུ་ཤཱ་མིག་ ༼ཉ་ཕྲུག༽གིས་སྐོར་ལས་བློ་ཅིག་སླབ་དེས། དེ་འབདཝ་ད་ཁོ་གིས་ བློ་འདི་བར་ན་ལས་ར་ཡོལ་ཡར་སོང་ཡི་ ཆུ་ཐིགས་པ་གཅིག་ བྱེམ་ནང་ན་འཛོལ་དོ་བཟུམ། 

    ཁོ་ ལགཔ་ཡར་ཐུག་སྟེ་ དྲང་གཞགཔ་ལུ་འབོ་སྟེ་ ཀཱ་ཕི་ད་རུང་གཅིག་ལེན་ཡི།

    ང་གིས། ཨ་ནཱི་ གཞིས་ཁྱིམ་འདི་ ག་ཅི་འབད་ཡི་ ཟེར་འདྲིཝ་ད།

    ཁོ་གིས་ཁ་གུ་ དགའ་འཛུམ་འཐོན་དོ་བཟུམ་ཅིག་ཡར་སོང་ཡི། ཁོ་གིས་སླབ་དེས་ ཨཱའ་ ཁྱོད་གིས་ ད་ཏོ་ཡང་དཔྱད་རིག་འདུག་སྨོ། ཁོ་གིས་ སྦོ་ཁུག་ནང་ལས་ ལྷབས་ཕྱིས་གཅིག་བཏོན་ཁ་འཕྱག་ཏེ་ ལོག་སྦོ་ཁུག་ནང་ན་ར་བརྩུག་ཡི། མེ་གཏང་ཡི་ ཏེས་ གསལ་རི་རི་སྦེ། ས་ཁར་ར་བརྡབ་གཏང་ཡི། ང་གིས་སླབ་དོ་བཟུམ་སྦེ།

    ངེའི་ཁྱིམ་གྱིས་ བོ་ལོག་ཁར། ཟེར་འདྲིཝ་ད།

    ཨིན་ བོ་ལོག་ཁར་ར།

    ནམ། ཟེར་འདྲིཝ་ད།

    ང་ ཁྱོད་ཀྱིས་ཁྱིམ་ནང་འོང་སྦེ་ ཉིནམ་བཅུ་ཐམ་དེམ་ཅིག་གིས་ རྒྱབ་ལས། 

    དེ་ལས་ང་གིས་ ཁོ་ལུ་སླབ་ཅིག། ག་དེ་སྦེ་ ང་ གཞིས་ཁྱིམ་ཚུ་ བལྟ་སྡོད་ཅིག་ ཉིམ་ཨ་རྟག་ར་ལྷོད་རྒྱུག་སྟེ་ སྡོད་ཅིག། འདི་གིས་སྐོར་ལས་སླབ་ཅིག། དེ་འབདཝ་ལས་ ང་གིས་ བདའ་མི་ཟུན་ནིའི་བློ་རང་མིད་ ཟེར་སླབ་ཅིག།

    ཁོ་གིས་སླབ་ཅིག། ཁྱོད་མི་ གནམ་མེད་ས་མེད་ ཟབ་ཞིབ་ལྡན་མི་ཅིག་ཨིན་མས་སྨོ། དྲནམ་བཏོན་ཏེ་ རྒྱུ་མཚན་ལྡན་མི་ མི་གཅིག། དེ་འབདཝ་ད་ ཁྱོད་གིས་ སྣང་མེདཔ་སྦེ་ མ་མཐོང་པར་ལུས་ལུསཔ་འོང། གནམ་མེད་ས་མད་གདོང་ཁར་ཡོདཔ་མི་ཚུ་ཡང་ འཕྲལ་འཕྲལ་མཐོང་ནི་མིད།

    ང་གིས་འདི་ མ་གོ་ ཟེར་སླབ་ཅིག།

    ཁོ་གིས་སྐེ་རྒྱན་ཊའི་འདི་ ཕྲང་ཡི་ དེ་ལས་ཆུ་ཚོད་འཁོར་ལོ་ལུ་ བལྟ་ཅིག། ཁོ་གིས་སླབ་ཅིག་ གནམ་མེད་ས་མེད་གདོང་ཁར་ཡོདཔ་ལས་ཨིནམ་འོང། ང་ ད་ལྟོ་འགྱོ་དགོ་པས། ང་བཅས་འདི་གིས་སྐོར་ལས་ ཤུལ་ལས་ བློ་ལེགས་ཤོམ་སྦེ་ ལེ་ཤ་སྦེ་སླབ་དགེ། ང་གིས་དོན་ལུ་ མི་གཅིག་སྒུག་སྟེ་ ཡོད།

    ཁོ་འགྱོ་ནི་འབདཝ་ད་ལུ་ ཏམ་ཁུ་གཅིག་མཐུང་དེས།

    ང་གིས་འདྲི་ཡི། སྡོད་མས། ཁྱོད་ཀྱིས་ མོ་ལོག་འཕྱད་ཅིག་ ཡ། ཉིནམ་དིའི་ཤུལ་ལས།

    མ་འཕྱད་ ང་གིས། ཁྱོད་གིས་ འཕྱད་ཡི་ཡ། ཟེར་སླབ་དེས།

    མ་འཕྱད། མོ་ ག་ཏེ་འཚོལ་རུང་མིན་ནུག། མོ་རའི་ ཁྱིམ་ནང་མིན་འདུག་ བརྒྱུད་འཕྲིན་གཏངམ་ད་ ལན་གཅིག་མིན་འདུག། དེ་ལས་ ལས་སྲོལ་གྱི་སློབ་སྟོན་ན་ཡང་འགྱོ་ནི་མིན་འདུག། 

    མོ་ ག་ཏེ་ཨིན་ན་ཅིག་ འགྱོ་འགྱོཝ་འོང་ནི་མས། འཕྲས་འཕྲལ་རང་འབད་ནི་ཡོད། 

    ལགཔ་སྦོ་ཁུག་ནང་ན་བཙུག་སྟེ་ ཁོ་ཡར་ལོང་སྡོད་ཅིག་ འབྲི་ཁྲིའི་མཐོ་ཁར་བལྟ་སྦེ། ཁོ་གིས་སླབ་དེས་ ཟླཝ་གཅིག་དང་ཕྱེད་ཀ་དེམ་ཅིག་ར་ ཏི་རུ་མེད་པར་ཡ། མོ་ རང་རྐྱངམ་ཅིག་སྦེ་སྡོད་ནི་ཡི་གོམས་གཤིས་ར་མེད། ལགཔ་སྦོ་ཁུག་ནང་བརྩུག་སྦེ ཁོ་གིས་ མཛུབ་མོ་ཚར་གཅིག་གུ་སྤར་སྦེ་ ཀྲེག་སྦེ་ སྐད་གཅིག་རྐྱབ་ཅིག། ཀྲེག་ ཀྲེག་ ཏང་ལོག་ཅིག་ལོག་ཅིག་ སྐན་འཐོན་དེས།

མོ་ལུ་ ཤི་ཀི་གཅིག་ཡང་མེད། ཟེར་སླབ་དེས ད་རུང་ཁོ་གིས། མོ་ལུ་ ཆ་རོགས་ངོ་མ་ཟེར་རུང་ གནམ་མེད་ས་མེད་ཅིག་མེད། མིང་རྐྱངམ་ཅིག་གི་ ཆ་རོགས་ཚུ། བློ་གཏད་ཚུགས་པའི་ཆ་རོགས་ཟེར་རུང་ཁྱོད་ཅངམ་ཅིག་ཨིན། མོ་གིས་ ཁྱོད་ལུ་ བློ་གཏད་སྡོད་ཅིག། ང་ དེ་སྦེ་ར་སླབ་སླབ་མེན། ཁྱོད་ མོ་གིས་དོན་ལུ་འདི་ གལ་གནད་ཅན་ཅིག་སྡོད་ཡི། ང་ཡང་ཨ་རྩིག་མིག་ཏོ་ཚ་ཡི་ ཁྱོད་གཉིས་ཀྱི་ བརྩེ་གདུང་ལུ་ བལྟ་འདི། དེ་ལས་ང་ མི་ མིག་སེར་ཅན་གཅིག་མེན། ཁོ་གིས་ བུང་རིངམོ་གཅིག་འཐོན་སྦེ་ ལོག་ཆུ་ཚད་འཁོར་ལོ་ལུ་ བལྟ་དེས། །ང་ད་འབད་ ངོ་མ་ར་འགྱོ་དགོ་བས། ལོག་ཕྱད་དགེ་ ཟེར་སླབ་སྟེ་ ཁོ་འགྱོ་ནི་འབད་དེས།

    ང་ མགུ་ཏོ་སྤར་ཅིག། ད་རུང་ ག་ཅི་སླབ་ན་མ་ཤེས། ཚིག་ཚུ་འོང་ནུ་རང་མིན་ནུག། ཁོ་དང་འཕྱདཔ་ད་ རྟག་བུ་རང་དེ་སྦེ་ འབྱུང་ནི་འདུག།


ང་གིས་ མོ་ལུ་ ལོག་བརྒྱུད་འཕྲིན་གཏང་ཏངམ་ས་ར་སྡོད་ཅིག་ བརྒྱུད་འཕྲིན་གྱི་ཞབས་ཏོག་གིས་ མོ་གི་བརྒྱུད་འཕྲིན་གྱི་ཞབས་ཏོག་ཆ་མེད་མ་གཏགམ་ཚུན་ཚད། ལེན་ཟེར་མིན་འདུག། ཚ་གྱང་ལང་དི་ ང་ མོ་གི་ཁྱིམ་ནཱ་འགྱོ་ཡི་ བལྟ་བར། སྒོ་ལྡེ་མིག་རྐྱབ་སྟེ་ འདུག། ཁྱིམ་དེའི་འགྲེམས་སྒྲོམ་ནང་ན་ ཡི་གུ་དང་ འགྲེམས་ཡིག་ ག་མེད་གུ་མིན་སྦེ་འདུག། མོ་གི་ཁྱིམ་སྦྱིན་བདག་མ་འཕྱད་ནི་འདི་ཀྱིས་སྦེ་ མོ་ཁྱིམ་དི་ནང་སྡོདཔ་ཨིན་ན་ ཡང་མ་ཤེས། ངེའི་བསྐོ་བཞག་གི་དེབ་ལས་ ཤོག་ཀུ་གཅིག་སྤེད་དེ་ ང་ལུ་ བརྒྱུད་འཕྲིན་གཏང་ ཟེར་འབྲི་སྟེ་ འགྲེམས་སྒྲོམ་ནང་ན་ བཞག་ཅིག།

    ལེན་ ནམ་ཡང་འོང་ནི་མིན་འདུག།

    ལོག་སྟེ་ མོ་གི་ཁྱིམ་ནཱ་འགྱོ་བལྟཝ་ད་ མི་གཞན་གཅིག་གི་ མིང་འདུག་སྒོ་བྱང་གུ། སྒོ་བརྡུང་བལྟཝ་ད་ ལེན་ཟེར་མིན་འདུག། ཧེ་མ་བཟུམ་སྦེ་ ཁྱིམ་སྦྱིན་བདག་འཚོལཝ་ད་ སྦྱིན་བནག་ཡང་ འཕྱད་ནི་མིན་འདུག། 

བཀོ་བཞག་ཡི།


འདི་ ལོ་གཅིག་གིས་ ཧེ་མའི་ལོ་རྒྱུད་ཨིན།

གཞིས་ཁྱིམ་ལྔ་པོའི་གདོང་ཁ་ལས་ ང་ ད་ལྟོ་ཡང་དྲོ་པ་ཨ་རྟག་རང་འགྱོ་ནི་ཡོད། ངེའི་ཉེ་འཁོར་ནང་ལུ་ གཞིས་ཁྱིམ་གཅིག་ཡང་མེ་གིས་ མ་འཚིག། དེ་ལས་ གཞིས་ཁྱིམ་མེ་གཏང་ཏང་མའི་སྐོར་ལས་ ལོ་རྒྱུད་ཡང་མ་གོ། སྤྱི་ཟླ་ ༡༢ ལོག་རེན་དེས་ དགུན་གྱི་དུས་ཀྱི་བྱི་ཅུང་ཚུ་ འཕུར་དེས། ང་ ལོ་རྒས་དོག།

The End


English words written in Dzongkha

1. Gatsby

2. Miles Davis

3. Strauss

4. Camembert cheese

5. T-square

6. French curve

7. Pepsi


References

Dzongkha Development Commission. (2013). Dzongkha-English Pocket Dictionary. 2nd Ed.     Thimphu: Bhutan.

Ministry of Education. (n.d.). English-Dzongkha Dictionary. Dzongkha Development     Commission. Thimphu: Bhutan.

Murakami, H. (1992). Barn Burning. Translated by Gabriel, P. The New Yorker. 

Puri, D. (2015). Dzongkha-English Dictionary Book. (Version 2.1) [Mobile App]. Google Play     Store. a    https://play.google.com/store/apps/details?id=com.diwaspuri.dzongkhaenglishdictionaryb    ook&hl=en

Puri, D. (2015). English Dzongkha Offline Dictionary. (Version 2.1)     https://play.google.com/store/apps/details?id=com.diwaspuri.dzongkhadictionaryoffline    &hl=en.

RIGZIN Research and Consultancy Services. (2017). BCSE Preliminary Examination Dzongkha     Course Book 2017-18. 

Other References

འབྲུག་གཞུང་ཤེས་རིག་ལྷན་ཁང། ༼༢༠༡༣༽ ལྷག་རིག་དང་རྩོམ་རིག། སློབ་རིམ་བཅུ་གཅིག་པ། ལེགས་བཅོས་དཔེ་སྐྲུན་ཐེངས་ གསུམ་པ། རྩ་གཞུང་ཞིབ་འཚོལ་དང་གོང་འཕེལ་ལས་འཁུང། 

Ministry of Education. (2013) Dzongkha Literature Textbook. Class Eleven. 3rd Ed.    

Image Courtesy

Burning. Retrieved from https://images.app.goo.gl/gYfx7VhQDfwihc549

Culture Trip. Retrieved from https://theculturetrip.com/asia/japan/articles/the-best-running-routes-in-tokyo/

Dreamstime. Retrieved from https://dreamstime.com/photos-images/barn-fire.html

NY Post. Retrieved from https://www.google.com/amp/s/nypost.com/2018/05/22/all-the-ways-marijuana-can-hurt-your-health/amp/.

Zoetrope. Retrieved from https://www.timeout.com/tokyo/bars-and-pubs/zoetrope..



Comments

Popular posts from this blog

Book vs. Movie - Confessions (2010)

Book Review: The Stand by Stephen King